ཁྲིམས་དོན་འགོ་དཔོན་གྱི་དོན་ལུ་ ཕྱི་སེལ་གྲུབ་འབྲས།

གྲོང་གསེབ་ཚོང་ལས་གོང་འཕེལ་ཚད་འཛིན་གྱི་ཁ་ཐུག་ལས་ སྤྱི་ལོ་༢༠༡༧ ལོའི་ ཁྲིམས་དོན་འགོ་དཔོན་ ༼ ས་སྟོང་ ༡ ༽ གྱི་དོན་ལུ་ ཕྱི་སེལ་གྲུབ་ཡོད་མི་ མི་ངོ་ཚུ་གསལ་བསྒྲགས་འབདཝ་ཨིན། ཕྱི་སེལ་གྲུབ་མི་ མི་ངོམ་ཚུ་ངག་རྒྱུགས་ལེན་ནི་ཨིནམ་ལས་ ཁ་གསལ་གྱི་དོན་ལུ་ ནཱ་གཡེབ་གནང་། 

འབྲུག་ཚོང་འབྲེལ་ལས་འཛིན་དང་ གྲོང་གསེབ་ཚོང་ལས་གོང་འཕེལ་ཚད་འཛིན་གཉིས་ཀྱི་བར་ ཆིངས་ཡིག་གི་མཚན་རྟགས་བཀོད་ཡོདཔ།

   ད་རེས་ འབྲུག་ཚོང་འབྲེལ་ལས་འཛིན་དང་གྲོང་གསེབ་ཚོང་ལས་གོང་འཕེལ་ཚད་འཛིན་གཉིས་ཀྱི་བར་ཆིངས་ཡིག་གི་མཚན་རྟགས་བཀོད་ཡོད་མི་འདི་ ལས་ཚོགས་གཉིས་ཀྱི་བར་ན་ སྤྱི་མཐུན་གྱི་སྒོ་ལས་མཉམ་རུབ་གཞི་བཙུགས་འབད་ནི་དང་ ཚོང་རོགས་ཀྱི་མཐུན་འབྲེལ་ཡར་རྒྱས་གཏང་ནི་གི་དོན་ལུ་ཨིན། ཆིངས་ཡིག་འདི་གི་ གྲོང་གཡུས་ཀྱི་མི་སྡེ་ཚུ་གི་འཚོ་བའི་མཐུན་རྐྱེན་དང་ཐོན་ཁུངས ཡར་སེང་གཏང་ནི་དང་ འབྲུག་མི་ཚུ་གི་དོན་ལུ་ ལཱ་གཡོག་སྤྲོད་ནི་ལུ་ གཙོ་བོར་བཏོནམ་ཨིན།  

རྩིས་འཛིན་འགོ་དཔོན་གྱི་གོ་གནས་ཁར་ གདམ་འཐུའི་གྲུབ་འབྲས།

སྤྱི་ཚེས་ ༡༧/༠༥/༢༠༡༧ གི་ས་སྟོང་གསལ་བསྒྲགས་དང་འབྲེལ་ གྲོང་གསེབ་ཚོང་ལས་གོང་འཕེལ་ཚད་འཛིན་གྱི་ཁ་ཐུག་ལས་ རྩིས་འཛིན་འགོ་དཔོན་གྱི་དོན་ལུ་ མཐའ་དཔྱད་ངག་རྒྱུགས་འབད་བའི གདམ་འཐུའི་གྲུབ་འབྲས་གསལ་བསྒྲགས་འབདཝ་ཨིན། གདམ་འཐུ་གྲུབ་ཡོད་མི་ མི་ངོམ་འདི་ རེས་གཟའ་མིག་དམར་ སྤྱི་ཚོས་ ༡༩/༠༦/༢༠༡༧ ལུ་ ཆུ་འབབ་ཆུ་ལུ་ཡོད་པའི་ གྲོང་གསེབ་ཚོང་ལས་གོང་འཕེལ་ཚད་འཛིན་གྱི་ཡིག་ཚང་ལྟེ་བ་ མི་སྟོབས་ཐོན་སྐྱེད་སྡེ་ཚན་ནང་ སྙན་ཞུ་འབད་གནང་ཟེར་བའི་ཞུ་བ་འབདཝ་ཨིན། གདམ་འཐུའི་གྲུབ་འབྲས་གཟིགས་ནི་གི་དོན་ལུ་ ནཱ་གཡེབ་གནང་།  ཞུ་ཚིག་བཙུགས་མི་ མི་ངོ་ཚུ་ གདམ་འཐུ་མ་གྲུབ་པའི་ རང་སོའི་སྡུག་སྐད་རེ་ཡོད་པ་ཅིན་ སྤྱི་ཚེས་ ༡༦/༠༦/༢༠༡༧ ལས་ མི་སྟོབས་ཐོན་སྐྱེད་སྡེ་ཚན་ནང་ལུ་ ཡི་གུ་ཕུལ་གནང་།