སྤྱི་ཚེས་༡/༡༢/༢༠༡༧ ལུ་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་འོག་གི་ རང་འབྱུང་འཐོན་བསྐྱེད་མཐོ་རིམ་སློབ་གྲྭ་དང་གྲོང་གསེབ་ཚོང་ལས་གོང་འཕེལ་ཚད་འཛིན་གྱི་བར་ན་ གོ་བརྡའི་ཆིངས་ཡིག་གུ་ལུ་ མཚན་རྟགས་བཀོད་གནང་ཡོད་མི་འདི་ རང་བཞིན་སླར་འབྱུང་འཐོན་བསྐྱེད་ཀྱི་ལཱ་སྡེ་འོག་ལུ་ཚུད་མི་ སོ་ནམ་དང་འབྲེལ་བའི་ཚོང་འབྲེལ་གྱི་ལཱ་ ཡར་དྲག་གཏང་ནི་དང་སྤེལ་ཐབས་ཀྱི་དོན་ལུ་ཨིན་མས། ཆིངས་ཡིག་ མཚན་རྟགས་བཀོད་པའི་རྟེན་འབྲེལ་ནང་ གཙུག་ལག་སློབ་སྡེའི་གཙོ་འཛིན་འོག་མ་ དྲག་ཤོས་དངོས་གྲུབ་རྡོ་རྗེ་མཆོག་དང་ རང་འབྱུང་འཐོན་བསྐྱེད་མཐོ་རིམ་སློབ་གྲྭ་གི་སྲིད་འཛིན་ ཌོག་ཊར་ཕུརབ་རྡོ་རྗེ་དང་མཉམ་ གྲོང་གསེབ་ཚོང་ལས་གོང་འཕེལ་ཚད་འཛིན་གྱི་བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱི་ བཅའ་མར་གཏོགས་ཅི།