ལོ་བསྟར་ཡིག་ཚང་ཕྱིར་བཤོལ་གྱི་ལས་རིམ་འདི་ སྤུ་ན་ཁ་ལུ་ཡོད་པའི་ བཟང་ལྡོག་དཔལ་རི་ཟ་ཁང་ནང་ལུ་ འགོ་འདྲེན་འཐབ་ཅི།

གྲོང་གསེབ་ཚོང་ལས་གོང་འཕེལ་ཚད་འཛིན་གྱི་ལས་གཡོགཔ་ཚུ་ ལོ་བསྟར་ཡིག་ཚང་ཕྱིར་བཤོལ་གྱི་ལས་རིམ་འགོ་འདྲེན་འཐབ་ཡོད་མི་ ༼ ཟླཝ་གསུམ་པའི་ཚེས་ ༣༠ ལས་ ཟླཝ་བཞི་པའི་ཚེས་ ༡ ༽ བཟང་ལྡོག་དཔལ་རི་ཟ་ཁང་ནང་ལུ་ འཛོམ་ཅི།

མ་དངུལ་བསླབ་སྟོན་པ་གི་གོ་གནས་ཁར་ ཆོས་རྒྱུགས་ལེན་ནིའི་ ཕྱི་སེལ་གྲུབ་འབྲས།

གྲོང་གསེབ་ཚོང་ལས་གོང་འཕེལ་ཚད་འཛིན་གྱི་ཁ་ཐུག་ལས་ སྤྱི་ལོ་༢༠༡༧ ལོའི་ མ་དངུལ་བསླབ་སྟོན་པ་གི་གོ་གནས་ཀྱི་དོན་ལུ་ ཕྱི་སེལ་གྲུབ་ཡོད་མི་ མི་ངོ་ཚུ་གསལ་བསྒྲགས་འབདཝ་ཨིན། ཕྱི་སེལ་གྲུབ་མི་ མི་ངོམ་ཚུ་ཆོས་རྒྱུགས་ལེན་ནི་ཨིནམ་ལས་ ཁ་གསལ་གྱི་དོན་ལུ་ ནཱ་གཡེབ་གནང་། 

འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་འོག་གི་ རང་འབྱུང་འཐོན་བསྐྱེད་མཐོ་རིམ་སློབ་གྲྭ་དང་གྲོང་གསེབ་ཚོང་ལས་གོང་འཕེལ་ཚད་འཛིན་གྱི་བར་ན་ གོ་བརྡའི་ཆིངས་ཡིག་གུ་ལུ་ མཚན་རྟགས་བཀོད་གནང་ཡོདཔ།

སྤྱི་ཚེས་༡/༡༢/༢༠༡༧ ལུ་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་འོག་གི་ རང་འབྱུང་འཐོན་བསྐྱེད་མཐོ་རིམ་སློབ་གྲྭ་དང་གྲོང་གསེབ་ཚོང་ལས་གོང་འཕེལ་ཚད་འཛིན་གྱི་བར་ན་ གོ་བརྡའི་ཆིངས་ཡིག་གུ་ལུ་ མཚན་རྟགས་བཀོད་གནང་ཡོད་མི་འདི་ རང་བཞིན་སླར་འབྱུང་འཐོན་བསྐྱེད་ཀྱི་ལཱ་སྡེ་འོག་ལུ་ཚུད་མི་ སོ་ནམ་དང་འབྲེལ་བའི་ཚོང་འབྲེལ་གྱི་ལཱ་ ཡར་དྲག་གཏང་ནི་དང་སྤེལ་ཐབས་ཀྱི་དོན་ལུ་ཨིན་མས། ཆིངས་ཡིག་ མཚན་རྟགས་བཀོད་པའི་རྟེན་འབྲེལ་ནང་ གཙུག་ལག་སློབ་སྡེའི་གཙོ་འཛིན་འོག་མ་ དྲག་ཤོས་དངོས་གྲུབ་རྡོ་རྗེ་མཆོག་དང་ རང་འབྱུང་འཐོན་བསྐྱེད་མཐོ་རིམ་སློབ་གྲྭ་གི་སྲིད་འཛིན་ ཌོག་ཊར་ཕུརབ་རྡོ་རྗེ་དང་མཉམ་ གྲོང་གསེབ་ཚོང་ལས་གོང་འཕེལ་ཚད་འཛིན་གྱི་བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱི་ བཅའ་མར་གཏོགས་ཅི།  

མ་དངུལ་བསླབ་སྟོན་པ་གི་དོན་ལུ་ ས་སྟོང་གསལ་བསྒྲགས།

གྲོང་གསེབ་ཚོང་ལས་གོང་འཕེལ་ཚད་འཛིན་གྱི་ཁ་ཐུག་ལས་ སྤྱི་ལོ་༢༠༡༧ ལོའི་  མ་དངུལ་བསླབ་སྟོན་པ་གི་གོ་གནས་ཀྱི་དོན་ལུ་ གསལ་བསྒྲགས་འབདཝ་ཨིན། ཁ་གསལ་གྱི་དོན་ལུ་ ནཱ་གཡེབ་གནང་། 

གྲོང་གསེབ་ཚོང་ལས་གོང་འཕེལ་ཚད་འཛིན་དང་ཁ་ས་གྲབ་ཆུའི་སློབ་ཕྲུག་ཚུ་ བརྡ་སྤྲོད་ལས་རིམ་གྱི་ཐོག་ལས་ འབྲེལ་བ་འབད་ཡོདཔ།

གྲོང་གསེབ་ཚོང་ལས་ོགོང་འཕེལ་ཚད་འཛིན་དང་གཅིག་ཁར་ ཁ་ས་གྲབ་ཆུའི་སློབ་ཕྲུག་ཚུ་གིས་ བརྡ་སྤྲོད་ལས་རིམ་གྱི་ཐོག་ལས་ ཚོང་ལཱ་གོ་སྐབས་ཚུ་ འཚོལ་ཞིབ་འབད་ཡོདཔ།

དེད་གཡོགཔ་གི་དོན་ལུ་ ས་སྟོང་གསལ་བསྒྲགས།

གྲོང་གསེབ་ཚོང་ལས་གོང་འཕེལ་ཚད་འཛིན་གྱི་ཁ་ཐུག་ལས་ སྤྱི་ལོ་༢༠༡༧ ལོའི་  དེད་གཡོགཔ་༼ ས་སྟོང་ ༡ ༽ གི་དོན་ལུ་ གསལ་བསྒྲགས་འབདཝ་ཨིན། ཁ་གསལ་གྱི་དོན་ལུ་ ནཱ་གཡེབ་གནང་།