མ་དངུལ་འདི་ག་གི་ལེན་ཚུགསཔ་སྨོ?

  • འབྲུག་མི་ག་ར་འབད་རུང་ སྐྱེས་ལོ་ ༡༨ ཡན་ཆད་འབད་མི་ཚུ།
  • མཉམ་འབྲེལ་ཚོགས་སྡེ་ སོ་ནམ་ཚོགས་པ་དང་ དེ་ལས་མི་ངོམ་ཚོགས་པ་ཚུ།

འོས་འབབ་ཚད་གཞི།

  • འཐོན་སྐྱེད་དང་བཟོ་སྐྲུན་གྱི་འབྲེལ་བ་ཡོད་མི་ བཟོ་གྲྭ་ཆུང་བ་དང་ ནང་འཁོད་བཟོ་གྲྭ་གསརཔ་འགོ་བཙུགས་མི་ཚུ་དང་ ལུགས་མཐུན་མེན་པའི་གྲོང་གཡུས་ཀྱི་ལས་སྣ་ཚུ།
  • བསྟན་རྒྱས་ལྷན་ཁག་གི་འོག་ལུ་ཡོད་མི་ བཟོ་གྲྭ་ཆུང་བ་དང་ ནང་འཁོད་བཟོ་གྲྭ་ལས་ཁུངས་ཀྱི་དབྱེ་ཁག་དང་ཚད་གཞི་གཅིག་ཁར་ཚུད་དེ་ཡོད་མི།
  • ཐབས་རིག་དང་དངུལ་འབྲེལ་གྱི་འོས་འབབ་ཡོད་པའི་ལས་འགུལ་ཚུ་ལུ་ གྲོང་གསེབ་ཚོང་ལས་གོང་འཕེལ་ཚད་འཛིན་གྱི་ མ་དངུལ་བྱིན་ནི།
  • ལས་འགུལ་ཚུ་ གཙོ་རིམ་ལཱ་སྡེ་གི་རྩ་དོན་ཚུ་ཚུད་པའི་ དཔལ་འབྱོར་ལྷན་ཐབས་འཆར་གཞི་ ལག་ལེན་གྱི་ཐབས་བྱུས་ནང་ལུ་ གཞི་རྩ་གསུམ་འདི་:
    • ནང་འདྲེན་ཚབ་འཛིན་ གོང་འཕེལ་གཏང་ནི།
    • ཕྱིར་ཚོང་གོང་འཕེལ་ལུ་ སེམས་ཤུགས་བསྐྱེད་བཅུག་ནི།
    • འབྲུག་མི་ཚུ་གི་དོན་ལུ་ ལཱ་གཡོག་སྤྲོད་ནི་ལུ་ རྒྱབ་སྐྱོར་འབད་ནི།

འོས་འབབ་མེདཔ།

  • ལས་འགུལ་ཚུ་ དངུལ་འབྲེལ་ལས་སྡེ་གཞན་གིས་ དངུལ་སྤྲོད་དེ་ ལག་ལེན་འཐབ་སྟེ་ཡོད་པ་ཅིན་ རྒྱུན་འཁོར་མ་དངུལ་ཐོབ་ནི་ལུ་ རྒྱབ་སྐྱོར་མེད།
  • གཞུང་གཡོགཔ་༼༡༽ དང་ ལས་སྡེ་གི་གཡོགཔ་ གཞན་ས་གནས་གཞུང་ནང་བཙག་འཐུ་གྲུབ་མི་དང་ ཚོགས་ཁང་གི་འཐུས་མི་ཚུ།
  • གྲོང་གསེབ་ཚོང་ལས་གོང་འཕེལ་ཚད་འཛིན་གྱིས་ འོག་ལུ་བཀོད་མི་ མི་ངོམ་དང་ཚོང་ལས་ཚུ་ལུ་ མ་དངུལ་གྱི་རྒྱབ་སྐྱོར་མི་བྱིན།
    • ལས་འགུལ་འདི་ ཧེ་མ་ལས་འགོ་བཙུགས་ཚར་མི།
    • མ་དངུལ་གྱི་དོན་ལུ་ ཞུ་ཚིག་བཙུགས་མི་འདི་ སེམས་ཁམས་བརྟན་ཏོག་ཏོ་མེད་པ་ཅིན།
    • ཞུ་ཚིག་བཙུགས་མི་འདི་ སྐྱེས་ལོ་ ༡༨ མན་ཆད་འབད་མི་ཚུ།
    • ཞུ་ཚིག་བཙུགས་མི་འདི་གིས་ གསང་བ་ཕྱིར་བཤད་དེ་ ཡིག་ཆ་རྫུན་མ་སྤྲོད་པ་ཅིན།
    • ཧེ་མ་ དངུལ་འབྲེལ་ལས་སྡེ་ཚུ་དང་ དངུལ་འབྲེལ་མེན་པའི་ལས་སྡེ་ཚུ་ནང་ བསྐྱིན་འགྲུལ་ལོག་སྤྲོད་མ་ཚུགས་པར་ བསྐྱིན་འགྲུལ་བརྡ་དོན་སྙན་ཞུ་ ལེགས་ཤོམ་མེད་པ་ཅིན།
  • མ་དངུལ་གྱི་དོན་ལུ་ ཞུ་ཚིག་བཙུགས་མི་འདི་ དངུལ་འབྲེལ་ལས་སྡེ་ཚུ་དང་ དངུལ་འབྲེལ་མེན་པའི་ལས་སྡེ་ཚུ་ དེ་ལས་ གྲོང་གསེབ་ཚོང་ལས་གོང་འཕེལ་ཚད་འཛིན་ལས་ལེན་ནི་ཨིན་མི་ བསྐྱིན་འགྲུལ་གྱི་ཚད་གཞི་ ས་ཡ་ ༢༠ ལས་བརྒལ་བ་ཅིན།

༼༡༽ འབྲུག་གི་ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་ ལེའུ་ཨང་ ༣.༢.༢༣.༢ – ཞི་གཡོགཔ་ཅིག་གིས་ ཁོ་/མོ་རའི་ གཞུང་འབྲེལ་གྱི་སྒྲིགས་གཡོག་ཚུ་ལག་ལེན་འཐབ་ནི་ལུ་ གནོད་ཉེན་ཡོད་པའི་ ཡིག་ཚང་དང་མ་འབྲེལ་བའི་ ཕྱིའི་ལཱ་ ཚོང་ལཱ་དང་ཚོང་བསྒྱུར་གྱི་ལས་སྣ་ཚུ་ནང་ གྲལ་དུ་གཏོགས་ཏེ་ ཁོ་/མོ་གི་ ཡིག་ཚང་གི་དུས་ཡུན་ལུ་འགྱུར་བ་འབྱུང་སྟེ་ ཐ་དམ་ཚིག་དང་གཅིག་སྒྲིལ་ལུ་ གནོད་པ་ཡོད་མི་ ཡང་ན་ ཁོ་/མོ་རའི་ བཟའ་གྲོགས་ཀྱི་ཚོང་ལཱ་དང་ཚོང་བསྒྱུར་གྱི་ལས་སྣ་ཚུ་ནང་ བཅའ་མར་གཏོགས་ནི།